A Study of Your Own Heart
ཆོས་སློབ་སྦྱོང་བྱེད་དུས་བསམ་བློ་གང་འདྲ་ཞིག་གཏོང་དགོས་པ་དེ་གཙོ་བོ་རེད། ཆོས་སློབ་སྦྱོང་བྱེད་དུས་ང་རང་ཚོའི་གསར་པ་ཞིག་སྦྱང་རྒྱུའི་བསམ་བློ་བསླེབས་ཀྱི་ཡོད་ཀྱང་། ཆོས་སློབ་སྦྱོང་བྱེད་དུས་གསར་པ་ཞིག་གཏན་ནས་སྦྱང་དགོས་མ་རེད། ཆོས་སློབ་སྦྱོང་བྱེད་ཅེས་པ་དེ་གང་འདྲ་རེད་ཟེར་ན། དཔེར་ན་ང་རང་ལ་འདོད་ཆགས་ཡོད་ཀྱང་འདོད་ཆགས་གསར་པ་མ་རེད། གསར་དུ་བསླེབས་པའི་སྐད་ཆ་མི་འདུག ང་རང་ལ་ཞེ་སྡང་ཡོད་རེད། ཞེ་སྡང་གསར་པ་མ་རེད། གཏི་མུག་དང་ཕྲ་དོག ཉོན་མོངས་པ་བདག་འཛིན་ཡོངས་རྫོགས་ང་རང་ལ་ཡོད་རེད། དེ་གསར་པ་གཏན་ནས་མ་རེད། དེས་ན་ཆོས་སྦྱོང་ཞེས་པ་དེ་གང་ལབ་པ་རེད་ཟེར་ན། རང་གི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་པོ་དེ་ཧ་གོ་བར་བྱ་རྒྱུ་དང་། དེ་ཧ་ཨེ་གོ་ལྟ་བ་དེ་ལ་ཆོས་སྦྱོང་ལབ་ཀྱི་ཡོད། ཆོས་ལ་སློབ་སྦྱོང་བྱེད་ཟེར་བ་དེ་འདྲ་ཞིག་རེད་མ་གཏོགས་གསར་པ་ཞིག་ཀླད་པའི་ནང་ལ་བཙུགས་རྒྱུ་དང་། ཐ་སྙད་མང་པོ་ཞིག་སྦྱང་པ་ཡིན་ན་དེ་ལ་ཆོས་སྦྱོང་ཟེར་བ་མ་རེད། དེ་ལ་འཇིག་རྟེན་སྦྱོང་ཟེར་བ་ཡིན། དེ་མང་པོ་སྦྱང་། མང་པོ་ཤེས་འོང་བ་ཡིན་ན་ང་རྒྱལ་ཆེས་ཆེར་འགྲོ་བ་དང་རྙོག་གྲ་ཆེས་ཆེར་འགྲོ་བ་རེད། དེ་ནས་ག་ལེ་ག་ལེར་ཆོས་དེ་ཚོང་རྫས་ཤིག་ཆགས་ཏེ། རང་གི་ལས་ཀ་ལས་བྱེད་ཅིག་ཆགས། དེ་ནས་འཇིག་རྟེན་སྒྲུབ་བྱེད་ཆགས་འགྲོ་གི་ཡོད། དེ་འདྲའི་ཆོས་དེས་གང་ཡང་འོང་བ་མ་རེད། སེམས་རྒྱུད་རྩུབ་པོ་ཆགས་བྱེད་དང་། སེམས་རྒྱུད་ཆོས་དང་ཐག་རིང་དུ་རིང་དུ་འགྲོ་བའི་རྒྱུ་བྱེད་པ་རེད།
སྟག་མོ་ལུས་བྱིན་གྱི་གསུང་ཆོས་ལས་བཏུས། ཕྱི་ཚེས་༡༩།༠༤།༡༤
