Geshe Lharampa Tehor Dawa Tsering Visits Thrangu Sekhar
Geshe Lharampa Tehor Dawa Tsering, the preeminent expounder of the vast textual traditions of Sūtra and Mantra, accepted my invitation to come here to Thrangu Sekhar International Retreat Centre in Nepal.
He came in the manner of a plain and ordinary monk, and in many respects—his outlook, etc.—he reminded me of Khenchen Lama Tsultrim Lodrö. And I could not help but think how wonderful it would be if we Tibetans of the Land of Snows had many more holy beings such as these.
With prayers for Geshe Dawa Tsering’s longevity and extensive activity,
Karma Lhabu
13 September 2026
མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་ཁྱུ་མཆོག་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་མཆོག འདི་གར་བལ་ཡུལ་ཁྲ་འགུ་སྲས་མཁར་རྒྱལ་སྤྱིའི་སྒོམ་སྒྲུབ་ཁང་དུ་ཕྲན་ནས་གདན་ཞུས་བྱས། ཁོང་ནི་གྲྭ་རྐྱང་དཀྱུས་མའི་ཚུལ་དུ་ཕེབས་པ་མ་ཚད། ཐུགས་བཞེས་གནང་ཕྱོགས་སོགས་ཕྱོགས་མང་པོའི་ཐད་ནས་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཚང་ཡིད་ལ་དྲན་གསོ་ཞིག་ཀྱང་སྟེར་བར་མ་ཟད། རང་རེ་བོད་གངས་ཅན་པ་རྣམས་ལ་ཁོང་རྣམ་པ་ལྟ་བུའི་སྐྱེས་བུ་དམ་པ་མང་ཙམ་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་རྟོག་པ་ཞིག་ཀྱང་སྐྱེས་སོང་།
སླད་དོན་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་བཅས།
༢༠༢༦/༩/༡༣/ ཀརྨ་ལྷ་བུ་ནས།།



