An Audience With the Supreme Gyalwang
Recently, Chöje Lama Wangchuk Topden, Tulku Damcho and several administrators of Thrangu Monastery sought an audience with His Holiness Gyalwang Karmapa, the embodiment of the enlightened activity of the victors of the three times, concerning the reincarnation of the late Kyabje Yongzin Khenchen Thrangu Rinpoche. His Holiness lovingly bestowed guidance and advice regarding the reincarnation.
Having been told that I should accompany them on this occasion, I did so. Thus, I had the tremendous fortune to enter His Holiness’s presence.
I offer this with prayers that this Protector may remain steadfast for hundreds of aeons as the glorious guardian of the doctrine and beings, and that his profound wishes and intentions may be spontaneously accomplished without obstacle.
Karma Lhabu
༸ རྒྱལ་དབང་མཆོག་ལ་མཇལ་བཅར་ཞུས་པ།
ཉེ་ཆར་ཞི་བར་གཤེགས་པ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་ཆེད་དུ། ཁྲ་འགུ་དགོན་པའི་དབུ་འཛིན་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་དང་སྤྲུལ་སྐུ་དམ་ཆོས་གཙོས་པའི་འགན་འཛིན་འགའ། དུས་གསུམ་རྒྱལ་བའི་འཕྲིན་ལས་ཀྱི་སྤྱི་གཟུགས་ཆེན་པོ་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་མཆོག་ལ་མཇལ་བཅར་ཞུས། ༧རྒྱལ་དབང་མཆོག་ནས་ཀྱང་ཡང་སྲིད་སྐོར་གྱི་བཀའ་སློབ་ལམ་སྟོན་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བསྩལ།
སྐབས་དེར་ཕྲན་ཡང་ཁོང་རྣམས་དང་མཉམ་དུ་འགྲོ་དགོས་འདུག་གསུང་པ་ལྟར་ཕྱིན། ༧རྒྱལ་དབང་མཆོག་མཇལ་བའི་བསྐལ་བཟང་ཐོབ། མགོན་པོ་གང་ཉིད་བསྟན་འགྲོའི་དཔལ་མགོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་གེགས་མེད་ལྷུན་གྲུབ་ཏུ་འོང་བའི་སྨོན་འདུན་ཞུ་བ་དང་བཅས། ཀརྨ་ལྷ་བུ་ནས།


