The Loving Protector Graces the Glorious Mountain

On 14 June 2026, the Loving Protector, Kenting Tai Situ Rinpoche, the life-tree of the Practice Lineage doctrine, graciously visited the newly established mountain retreat of Palri Ling. There, he bestowed his blessings, together with the instructions and oral transmission of The Ganges Great Seal.

The founder of this mountain retreat centre is my true Dharma brother, Khenchen Tsultrim Namdak. I deeply rejoice in his sincere care, courage, and dedication to the doctrine. I often think how wonderful it would be if we Kagyupas had a few more exalted beings like him.

I offer my continuous prayers for your longevity and for the complete accomplishment of all your aspirations.

སྤྱི་ལོ་༢༠༢༦ ཟླ་༦ ཚེས་༡༤ ཉིན། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག། དཔལ་རི་གླིང་རི་ཁྲོད་གསར་བཞེངས་ཀྱི་གནས་སུ་ཆིབས་བསྒྱུར་གནང་ནས་བྱིན་རླབས་དང་ཕྱག་ཆེན་གངྒཱ་མའི་ཁྲིད་ལུང་བསྩལ། རི་ཁྲོད་ཕྱག་འདེབས་པ་པོ་ནི་ཁོ་བོའི་མཆེད་གྲོགས་དམ་པ་མཁན་ཆེན་ཚུལ་ཁྲིམས་རྣམ་དག་མཆོག་རེད། ཁོང་གི་བསྟན་པ་ལ་ལྷག་བསམ་དང་། ཞུམ་པ་མེད་པའི་སྙིང་སྟོབས་བཅས་ལ་ངས་ནམ་ཡང་ཡི་རང་ཞུ་བཞིན་ཡོད། ངེད་བཀའ་བརྒྱུད་པ་ལ་ཁོང་ལྟ་བུའི་སྐྱེས་ཆེན་དམ་པ་འགའ་ཤས་ཡོད་ན་ཅི་མ་རུང་བསམ་བཞིན་ཡོད། ཁྱེད་ཀྱི་སྐུ་ཚེ་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་འགྲུབ་པའི་སྨོན་འདུན་ཡང་ཡང་ཞུ། །

Share this post :