An Expression Of Gratitude

I extend my heartfelt gratitude to the Loving Protector, Tai Situ Rinpoche, the life tree of the Practice Lineage, for agreeing to visit Thrangu Sekhar Retreat Centre during his forthcoming visit to Nepal. Yesterday, I flew to New Delhi to request an audience.

I also took this opportunity to respectfully offer news of some of my own modest past and present undertakings of the last few years. He graced me with joyful praise and an image of our Teacher, the Awakened One, as an object of reverence. He declared, “Okay, your activities will be successful. I will constantly pray that your activities will be free from obstacles.”

Now that the precious Buddhadharma is in a weakened state and has reached a critical time requiring indomitable strength of heart, I supplicated the Jamgon, the Loving Protector, to further strengthen his resolve.

I pray repeatedly from my heart that our Protector’s life may endure, with activity flourishing throughout all ten directions, and that I may encounter his golden countenance again and again.

An entry from Karma Lhabu’s diary.


སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༸ བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་ རིང་མིན་བལ་ཡུལ་དུ་ཆིབས་བསྒྱུར་བསྐྱང་སྐབས་འདི་ག་ཁྲ་འགུ་སྲས་མཁར་སྒྲུབ་སྡེ་ལའང་ཕེབས་པ་ཞལ་བཞེས་བཟང་པོར་ཐོབ་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུ། ཁར་རྩང་བལ་ཡུལ་ནས་མཁའ་ལམ་རྒྱུད་རྒྱལ་ས་ལྡི་གླིང་དུ་མཇལ་བཅར་ཞུས།

དེར་མ་ཟད་གུས་པས་ལོ་འདི་དག་ཏུ་བྱ་བ་ཕྲན་བུ་རེ་བསྒྲུབས་དང་སྒྲུབ་བཞིན་པ་འགའ་སྙན་གསན་ཕུལ། ཐུགས་དགྱེས་པའི་བསྟོད་བསྔགས་གནང་བ་དང་བཅས་དད་རྟེན་དུ་བདག་ཅག་གི་སྟོན་པའི་སྐུ་བརྙན་ཞིག་ཀྱང་སྤྱི་བོར་སྩལ་བར་མ་ཟད། ཡ་ཡ་བྱ་བ་རྣམས་འགྲུབ་རེད། བར་ཆད་མི་འབྱུང་བའི་ཐུགས་བསྐྱེད་སྨོན་ལམ་རྒྱུན་ཏུ་ངས་གནང་འོང་ཞེས་ཀྱང་གསུངས་སོང་།

རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ཤིན་ཏུ་ཉག་ཕྲ་བའི་དུས་འདིར་ཞུམ་པ་མེད་པའི་ཐུགས་སྟོབས་གལ་འགངས་ཆེ་བའི་སྐབས་འདིར། བྱམས་མགོན་མཆོག་ལ་ཐུགས་སྟོབས་བསྐྱེད་པའི་གསོལ་འདེབས་ཡང་ཕུལ། མགོན་པོ་གང་གི་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པ་དང་། གསེར་ཞལ་ཡང་ཡང་མཇལ་བ་སྙིང་ནས་སྨོན་འདུན་བཅས།

ཀརྨ་ལྷ་བུའི་ཉི་ཐོའོ། །

Share this post :