The Sister of HH Karmapa’s Visit to the Site of Drolung Mountain Retreat
Jetsün Ngödrup Pelzom, the elder sister of His Holiness the Glorious Gyalwang Karmapa, together with her entourage, graciously made a special visit to the site of the new Drolung Mountain Retreat, looking upon me with such generosity as if common earth were seen as gold.
I express my sincere and boundless gratitude for her unforgettable kindness and commendation, for her careful inspection of the site, and for the support and encouragement she extended from the depths of her heart, uplifting our spirits and strengthening our resolve.
In these times, even a single word of approval from high lamas and prominent figures for such undertakings has become rare, let alone genuine support.
I pray that your lives may be long and that all your aspirations may be fully and perfectly fulfilled.
༧ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཆེན་པོ་མཆོག་གི་སྐུའི་གཅེན་མོ་རྗེ་བཙུན་དངོས་གྲུབ་དཔལ་འཛོམས་སྐུ་འཁོར་ལྷན། ཕྲན་ལ་བོང་བ་གསེར་གཟིགས་ཀྱི་སྒོ་ནས་འདི་ག་གྲོ་ལུང་རི་ཁྲོད་གསར་བཞེངས་ཀྱི་ཡུལ་དངོས་སུ་ཆེད་ཕེབས་གནང་ནས་གཟིགས་ཞིབ་དང་ཐུགས་སྟེང་ནས་རྒྱབ་སྐྱོར་དང་སེམས་ཤུགས་སྤར་བ་སོགས་བརྗེད་པར་དཀའ་བའི་བརྩེ་གཟིགས་དང་བསྔགས་བརྗོད་གནང་བ་སོགས་ལ་སྙིང་ནས་བཀའ་དྲིན་ཆེ་ཆེ་ཞུ། དེང་དུས་སུ་བླ་ཆེན་མི་ཆེན་རྣམས་ནས་འདི་རིགས་ལ་བཅོས་མིན་རྒྱབ་སྐྱོར་ཕར་ཞོག་ཐ་ན་ཁ་ཡག་ཙམ་ཡང་བཤད་མཁན་དཀོན་པའི་ཚད་དུ་གྱུར་འདུག། ཁྱེད་ཅག་སྐུ་ཚེ་བརྟན་ཅིང་ཐུགས་འདུན་མ་ལུས་ཡོངས་སུ་འགྲུབ་པའི་སྨོན་འདུན་ཞུ་ཞུ།།









