An Audience with HH Gyalwang Karmapa

I recently had the fortune to receive an audience with His Holiness Gyalwang Karmapa. On this auspicious occasion, I was granted an excellent opportunity to directly express, in some detail, numerous thoughts I had long harboured, from a heartfelt concern for the health of the precious Buddhist doctrine.

Although I am merely a simple and ordinary monk, His Holiness, from the profound depths of his ocean-like mind, listened attentively to what I had to say, for which I express my utmost gratitude.

I pray continually that His Holiness Karmapa’s life will be long, that he may fully triumph over all adversity and that his every noble intention and wish may be fulfilled without hindrance and spontaneously.

ཉེ་ལམ་༧རྒྱལ་དབང་མཆོག་ལ་མཇལ་བཅར་གྱི་སྐལ་བཟང་ཐོབ་པའི་དུས་དེར། རྒྱལ་བསྟན་རིན་པོ་ཆེའི་དར་རྒུད་ལ་སེམས་ཁུར་ཡོད་པའི་ཐོག་ནས། ཡུན་རིང་སེམས་སུ་ཉར་བའི་བསམ་ཚུལ་མང་པོ་ཞིག་ཐད་ཀར་དུ་ཞིབ་ཅིང་ཕྲ་བར་ཞུ་བའི་གོ་སྐབས་བཟང་པོར་བྱུང་། ང་ཞུ་མཁན་གྲྭ་རྐྱང་བཅོས་མ་ཞིག་ཡིན་ན་ཡང་། ཁོང་གི་ཐུགས་ཀྱི་དགོངས་པ་ཟབ་རླིངས་རྒྱ་མཚོ་ལྟ་བུའི་ངང་ནས་གཟབ་ནན་གྱིས་གསན་གནང་སོང་བ་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ། སླད་མར་༧རྒྱལ་དབང་མཆོག་གི་སྐུ་ཚེ་ཡུན་དུ་བརྟེན་ཅིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྲུབ་ཏུ་འོང་བའི་སྨོན་འདུན་ཡང་ཡང་ཞུ་ཞུ་ཞུ།།

Share this post :