The Grand Vault of Precious Treasures
I had the auspicious and excellent occasion to properly receive the empowerments and oral transmissions of the Rinchen Terdzö Chenmo (The Grand Vault of Precious Treasures) from Kyabje Sangye Nyenpa Rinpoche, the glorious and sublime lama endowed with the three kindnesses in whom the inexhaustible ocean of the three secrets of all the Victorious Ones is perfectly replete. Today saw the auspicious conclusion of these transmissions.
Rinpoche is the lama from whom I have received the greatest number of empowerments and transmissions in this present life.
I pray that the imperishable lotus-feet of the supreme Lord, unmoving from the vajra throne, may endure as the glory of the doctrine and sentient beings, and thus may he continue to bestow repeatedly, the limitless nectar of the wondrous supreme vehicle’s teachings, in accordance with the dispositions and aspirations of the disciples of the three families.
From the disciple Karma Lhabu.
རྒྱལ་བ་ཀུན་གྱི་གསང་གསུམ་མི་ཟད་པའི་རྒྱ་མཚོ་གཅིག་ཏུ་རྫོགས་པའི་བཀའ་དྲིན་གསུམ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་ ༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ལེགས་པར་ཞུ་བའི་སྐབས་བཟང་ཐོབ་སྟེ་བཀྲ་ཤིས་པའི་ངང་ནས་དེ་རིང་མཇུག་ཡོངས་སུ་གྲུབ་སོང་། རིན་པོ་ཆེ་ཁོང་ནི་ད་སྔོན་ཕྲན་གྱི་མི་ཚེའི་ནང་དབང་ལུང་ཞུ་བ་ཆེས་མང་ཤོས་ཀྱི་བླ་མ་གཅིག་པུ་དེ་ཡིན། མགོན་པོ་མཆོག་བསྟན་དང་འགྲོ་བའི་དཔལ་དུ་ཞབས་པད་མི་ཤིགས་རྡོ་རྗེའི་ཁྲི་ལས་གཡོ་བ་མེད་པར་བརྟན་ནས་རིགས་ཅན་གསུམ་གྱི་གདུལ་བྱའི་མོས་བློ་དང་འཚམ་པའི་རྨད་བྱུང་ཐེག་མཆོག་ཆོས་ཀྱི་བདུད་རྩི་དཔག་ཏུ་མེད་པ་ཡང་ནས་ཡང་དུ་སྩལ་ཏུ་གསོལ་ཞེས་གསོལ་བར་འདེབས་པ་ལགས་སོ། །སློབ་བུ་ཀརྨ་ལྷ་བུ་ནས།།










