Karma Lhabu’s Diary
A brief account of activities conducted during the month commemorating Buddha’s Descent from the God Realm.
On the 21st day of the 9th Tibetan month (10 November), at their request, I visited the communities of Bhotekoshi Rural Municipality, Ward No. 4, Khokundol and Thangchenpo (Danda Gaon) Sindhupalchowk. I consecrated eight newly constructed stupas and taught the community the importance of preserving and advancing their religion, culture, and knowledge. I also imparted the transmission for the Mani and Benze Sato mantras.
In the afternoon, at the invitation of those in charge, I visited the Thrangu Tashi Chopel Ling Monastery branch.
On the morning of the 22nd day of the 9th Tibetan month, the day of the anniversary of the Buddha’s Descent from the God Realm, I consecrated a large Mani wheel and a water Mani wheel, and offered similar advice.
That completed the activities in that area.
Upon returning to Thrangu Sekhar Retreat Centre in the afternoon, I ordained 17 people—both young and old, of various ethnicities.
On the 30th day of the Tibetan month, I ordained a further 27.
Karma Lhabu’s Diary
༄། བོད་ཟླ་དགུ་པ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཟླ་འདིའི་ལས་རིམ་ཁ་ཤས། བོད་དགུ་པའི་ཚེས་༢༡སྤྱི་ཟླ་བ་༡༡ ཚེས་ ༡༠ ཉིན། ཕྲན་བྷོ་ཀྲེ་ཀོ་ཤི་གྷཱའུ་པཱ་ལི་ཀ ཨོ་ཌ་ཨང་༤ ནང་ཚན། ཁོ་ཀུན་སྒྲོལ་དང་། ཐང་ཆེན་པོའི་ཚོགས་མི་རྣམས་ཀྱིས་རེ་ཞུས་ལྟར་ཕྱིན། གསར་དུ་བཞེངས་པའི་མཆོད་རྟེན་ཆ་བརྒྱད་ལ་རབ་གནས་བྱས། མི་དམངས་ལ་སོ་སོའི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་པ་གལ་ཆེ་ཚུལ་དང་། མ་ཎི་དང་ས་ཏྭའི་ལུང་འདོན། ཕྱི་དྲོར་འགན་འཛིན་རྣམས་ཀྱིས་རེ་ཞུས་ལྟར་ཁྲ་འགུ་བཀྲ་ཤིས་ཆོས་འཕེལ་གླིང་ཡན་ལག་དགོན་དུ་ལྟ་བསྐོར་ཕྱིན།
བོད་ཚེས་༢༢སྤྱི་ཚེས་༡༡ཉིན་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན། སྔ་དྲོ་ལ་མ་ཎི་འཁོར་ཆེན་དང་མ་ཎི་ཆུ་འཁོར་བཅས་ལ་རབ་གནས་བྱས་ནས་མི་དམངས་ལ་དེ་མཚུངས་ཀྱི་བསླབ་བྱས་ནས་མཛད་སྒོ་རྣམས་ལེགས་པར་གྲུབ།
ཕྱི་དྲོར་ཁྲ་འགུ་སྲས་མཁར་སྒྲུབ་སྡེ་ཚུར་བསླེབས་ནས་མི་རིགས་མི་འདྲ་བ་ཆེ་ཆུང་ཕོ་མོ་༡༧ཙམ་གྲྭ་བཙུན་བྱས།
བོད་ཚེས་༣༠སྤྱི་ཚེས་༢༠ཉིན་གྲྭ་བཙུན་༢༧ཙམ་བྱས་སོོ། །
ཀརྨ་ལྷ་བུའི་ཉིན་ཐོའོ། །














