2nd One-Week Retreat

ཉིན་ཤས་སྔོན་འདི་གར་ཁྲ་འགུ་སྲས་མཁར་རྒྱལ་སྤྱིའི་སྒོམ་སྒྲུབ་ཁང་དང་ཁྲ་འགུ་དྷརྨ་ཀ་ར་ཟུང་འབྲེལ་གྱིས། ༧ཞི་བར་གཤེགས་པ་སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་འདས་མཆོད་དང་འབྲེལ། ཐེངས་གཉིས་པའི་བདུན་མཚམས་བཞུགས། མཚམས་པ་བ་བརྒྱ་ཕྲག་ཕྱེད་གཉིས་ཙམ་གོ་སྒྲིག་བྱས་པ་བཞིན་ཤར་ནུབ་ཀྱི་རྒྱལ་ཁབ་༢༢ཙམ་ནས་ཕེབས་ཏེ་མཉམ་ཞུགས་གནང་། ཉིན་རེ་བཞིན་སྒོམ་ཐུན་གསུམ་རེ་དང་། ཕྲན་ནས་ཆོས་ཐུན་གསུམ་རེ་བཤད། ཉིན་མཐའ་མར་རྒྱུན་བཞུགས་དང་ལྷན་མཉམ་ཞུགས་བྱས་ནས་མི་བཞི་བརྒྱ་མ་ཟིན་ཙམ་གྱིས་རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་སྒོ་ནས་ཚོགས་མཆོད་ཕུལ། མཚམས་སྐབས་སུ་༧སྐྱབས་རྗེ་བློ་གྲོས་ཉི་མ་རིན་པོ་ཆེ་དང་། གདན་ས་རུམ་བཏེག་བཤད་གྲྭའི་སློབ་སྤྱི་མཁན་རིན་པོ་ཆེ་སྐལ་བཟང་ཉི་མ་དང་། ༧དཔལ་རྒྱལ་བའི་དབང་པོ་ཀརྨ་པའི་སྐུའི་ལྕམ་སྲིང་དངོས་གྲུབ་དཔལ་མཛོམས་དང་བཅས་གཟིགས་སྐོར་ཕེབས་པར་མ་ཟད་ཟོལ་མེད་མཛའ་བརྩེ་དང་བཅས་སྤྱི་སྒེར་གཉིས་ལ་བསྔགས་བརྗོད་དང་བཀའ་སློབ་ལམ་སྟོན་རིན་ཐང་ཅན་མང་པོ་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། བདུན་མཚམས་བཞུགས་མཁན་ཚོས་ཀྱང་སོ་སོའི་ངོས་ནས་གང་ལེགས་བྱས་སོང་བས་བཀའ་དྲིན་ཆེ་ཞུ་བ་དང་ལྷན་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྨོན་མདུན་ཞུའོ། །

A few days ago, the Thrangu Sekhar International Meditation Centre and Thrangu Dharmakara jointly held the second one-week retreat in conjunction with the anniversary of the late Yongdzin Khenchen Thrangu Rinpoche’s parinirvana.

Approximately 150 participants were catered for, with attendees coming from 22 countries, from both the East and West, to participate. Each day included three meditation sessions and three Dharma teaching sessions, taught by myself.

On the final day, the long-term retreatants and one-week retreatants gathered together, totalling nearly 400 people, to offer a tsok (a feast offering) with the guru yoga of Jetsun Milarepa.

During the one-week retreat, Kyabje Lodro Nyima Rinpoche, Khen Rinpoche Kalsang Nyima (the Principal of the Shedra at the Dharma seat of Rumtek), and Ngodrup Palzom (the sister of His Holiness the Gyalwang Karmapa) came to visit. Not only did they visit, but in both private and public settings, they offered many words of sincere and affectionate praise and valuable advice, for which I would like to express my gratitude.

I also offer thanks to all the retreat participants for each of you doing your best during the retreat, and I pray that your aspirations in accordance with the Dharma may be fulfilled.

Share this post :