Visits to Prisons and an Orphan

On May 5th in Malawi, I spent the day visiting prisoners in the country of Malawi. In the morning, I went to a young offenders institute, offering a few words of advice and answering questions as best I could. In the afternoon, I went to another prison and also spoke a few words and responded to questions.

It is well known that many past masters gained realisation while incarcerated. During these visits, the thought occurred to me that if I were ever imprisoned, I might be able to further my own practice and offer some slight benefit to many of my fellow inmates.
In the evening, I went to see an orphan baby.

I am not someone who usually prioritises money, but today, on seeing with my own eyes the plight of these people, I thought if I had some resources, I could temporarily alleviate their hardships to some degree.
Don’t be sad. One day I will help you and make you happy; this is my hope and prayer.

སྤྱི་ཟླ་༥ཚེས་༥སྔ་དྲོ་ལ་མཱ་ལ་ཝིའི་སྤྱི་མཐུན་རྒྱལ་ཁབ་དེའི་ན་གཞོན་བཙོན་ཁང་ཞིག་ལ་ཕྱིན། བསླབ་བྱ་འགའ་དང་དྲི་བ་དྲིས་ལེན་གང་ལེགས་ཤིག་ཀྱང་བྱས། ཕྱི་དྲོ་ཡང་བཙོན་ཁང་གཞན་པ་ཞིག་ལ་ཕྱིན་ནས་དེ་བཞིན་དུ་བསླབ་བྱ་དང་དྲི་བ་དྲིས་ལེན་བྱས། ཉིན་གང་པོར་བཙོན་ཁང་དུ་ལྷག སྔོན་བྱོན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་བཙོན་ཁང་ནས་རྟོགས་པ་རབ་ཏུ་བརྙེས་པར་གྲགས། གལ་ཏེ་ཕྲན་ཡང་ཉིན་ཞིག་བཙོན་དུ་འགྲོ་དགོས་པ་འདྲ་བྱུང་ན། སོ་སོའི་ཉམས་ལེན་དང་། བཙོན་པ་མང་པོ་ཞིག་ལ་ཕན་པ་ཅུང་ཙམ་རེ་ཐོགས་ཐུབ་ས་འདུག་སྙམ་པའི་འཆར་སྣང་བྱུང་། མཚན་མོར་དྭ་ཕྲུག་ཞིག་ལ་ལྟ་རུ་ཕྱིན། ཕྲན་ནི་ནམ་རྒྱུན་སྒོར་མོ་ཨང་དང་པོ་རྩི་མཁན་ཞིག་མིན་ན་ཡང་ཉིན་དེར་དཀའ་ངལ་ཅན་དེ་དག་དངོས་སུ་མཐོང་ཡོང་དུས་ཕྲན་ལ་འབྱོར་བ་རེ་ཡོད་ན་དེ་དག་གི་གནས་སྐབས་ཀྱི་དཀའ་ངལ་ཅུང་ཙམ་རེ་སེལ་ཐུབ་ས་འདུག་བསམ་པའི་རྣམ་རྟོག་ཅིག་ཀྱང་ངང་གིས་སྐྱེས། ཁྱེད་ཅག་བསམ་པ་མ་ཕམ་ངས་དུས་ནམ་ཞིག་ལ་ཁྱེད་ཅག་ལ་ཕན་བདེ་རེ་སྒྲུབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད།

Share this post :