Thrangu Sekhar Retreat’s 21-Year Programme

ད་ལམ་ཁྲ་འགུ་སྲས་མཁར་སྒྲུབ་སྡེ་ཆེན་མོ་ནས་མདོ་ཕྱོགས་ནས་གཞུང་ཆེན་བཀའ་པོད་ལྔ་དང་། སྔགས་ཕྱོགས་ནས་མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་གཙོར་བྱས་སྨིན་གྲོལ་རྒྱབ་རྟེན་གཞུང་བཤད་དང་བཅས་པར་ལོ་ཉེར་གཅིག་གི་སློབ་ཚད་ཅན་ཞིག་དབུ་འཛུགས་གནང་ཡོད་ལ། འདིར་ཞུགས་པའི་སློབ་མ་ནི་ཤར་ནུབ་ཀྱི་རྒྱལ་ཁབ་ཉི་ཤུ་ཙམ་ནས་ཕེབས་པའི་དགེ་འདུན་པ་ལྔ་བཅུ་ང་དྲུག་ཙམ་ཞིག་ཞུགས་ཡོད་པས་ཁྱེད་རྣམས་ཀྱི་བསམ་དོན་ཆོས་བཞིན་འགྲུབ་ནས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཤིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་བཅས།
ནག་པ་ཟླ་བའི་ཚེས་བཅོ་ལྔའི་ཉིན་མོ་ནི། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན། དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་གསུང་པའི་དུས་ཁྱད་པར་ཅན་གྱི་ཉིན་མོ་དང་བསྟུན་ནས་རྟེན་འབྲེལ་མཛད་སྒོ་མདོར་བསྡུས་ཞིག་གོ་སྒྲིག་ཞུས་པ་རང་དགོན་གྱི་སྤྲུལ་སྐུ་དམ་ཆོས། ཆོས་རྗེ་བླ་མ་དབང་ཕྱུག མཁན་རྒན་ཀརྨ་བཀྲ་ཤིས། མཁན་པོ་ཤེས་རབ་ཕུན་ཚོགས་སོགས་ལྷན་ཞུགས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

A new 21 year programme has just commenced in Thrangu Sekhar Retreat Centre. The programme prioritises the major treatises on the five principle topics of the sutras and the thirteen tantras in Marpa’s tradition of the secret mantra, including ripening empowerments, liberating instructions and explanations of the supportive treatises. The students comprise 56 sangha members from 20 different countries, both East and West. This is undertaken with the heartfelt wish that their aspirations in harmony with the dharma will be fulfilled and that the precious buddha dharma of scripture and realisation will spread and thrive well into the future.
A small inaugurating event was held on 27th April 2021 (15th day of the 3rd Tibetan month) to coincide with the anniversary of our exceptionally kind Teacher, the Buddha, manifesting in the form of Kalachakra and expounding the 12000 root tantras. I would like to take this opportunity to express my thanks to everyone who attended, including our monastery’s Tulku Damcho, Choje Lama Wangchuk, senior khenpo Karma Tashi and Khenpo Sherab Puntsok.

To see the full 21 year schedule please visit:
https://www.druponrinpoche.org/en/the-21-or-26-year-curriculum-of-thrangu-sekhar-retreat-centre/

 

Share this post :