Teachings at Bokar Thubten Ling in Ibiza, Spain

I taught the Four Dharmas of Gampopa at Bokar Thubten Ling in Ibiza, Spain. I gave six teachings over the two days I was there.
Kyabje Bokar Rinpoche named the dharma centre in 2003, and Anna, a lay disciple of Rinpoche, founded it.

My arrival in the Centre coincided with the arrival of statues of Marpa, Milarepa and Gampopa from Nepal. Although I was unable to fill the statues, I wrote the three syllables that are the essence of all the victors’ wisdom body, speech and mind and placed them within the statues. They were then carried in procession to the temple and installed on the shrine. I thought that this was an auspicious connection.

I was asked to bless the site of a new Tara Temple, which I duly did.

Karma Lhabu’s Diary
28.09.2026

སི་ཕན་མཚོ་གླིང་ཨ་བྷིས་ཏ་ལ། འབོ་དཀར་ཐུབ་བསྟན་གླིང་དུ་ཉིན་གཉིས་ཀྱི་རིང་ལ་དྭགས་པོའི་ཆོས་བཞི་ཆོས་ཐུན་དྲུག་བྱས་ནས་བཤད། ཆོས་ཚོགས་འདི་༢༠༠༣ལོར་༧སྐྱབས་རྗེ་འབོ་དཀར་རིན་པོ་ཆེས་མཚན་གནང་། རིན་པོ་ཆེའི་སློབ་མ་དགེ་བསྙེན་མ་ཨ་ན་མཆོག་གིས་བཙུགས་པ་ཞིག་རེད་འདུག། རང་ཆོས་ཚོགས་འདིར་སླེབ་པ་དང་མཉམ་དུ་བལ་ཡུལ་ནས་བླུས་པའི་མར་མི་དྭགས་གསུམ་གྱི་སྐུ་འདྲ་སྤུས་ལེགས་ཞིག་འདུག་དེའང་འབྱོར་བ་རེད་ཟེར། གཟུངས་ཕུལ་མ་ཐུབ་ཀྱང་། རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུངས་ཐུགས་ཀྱི་སྙིང་པོ་ཡི་གེ་འབྲུ་གསུམ་རེ་བྲིས་ནས་ཕུལ། ལྷ་ཁང་གི་མཆོད་སྟེགས་སུ་གདན་དྲངས། རྟེན་འབྲེལ་བཟང་པོ་ཞིག་བྱུང་སོང་དྲན། སྒྲོལ་མ་དང་འབྲེལ་བའི་གཙུག་ལག་ཁང་ཞིག་གསར་རྒྱབ་སར་བྱིན་རླབས་དགོས་ཟེར། དེ་ཡང་བྱས། ཀརྨ་ལྷ་བུའི་ཉིན་ཐོ། ༢༠༢༦/༠༩/༢༨

Share this post :