Visit To the United Arab Emirates

On April 19th, at the encouragement of a few friends, I came to the UAE in the Middle East.

A teaching was scheduled for the evening of the 19th but unfortunately it had to be cancelled due to flight delays.

The morning of the 20th was spent filling a Vajradhara statue and a set of eight stupas. I feel this was important task considering the location.

In the afternoon I was introduced to Mohammed Al Hashmi, Senior Vice President of Innovation and Future Technology of Expo 2020 Dubai, and a few other new acquaintances.

On the 21st, at the home of a wealthy Indian family from Zambia, I gave two teachings (one in the morning and one in the afternoon) according to the wishes of the few attendees.

Today, on April 22nd, I consecrated the previously mention supports of wisdom body, speech and mind. This afternoon I head to Africa.

With prayers that we may meet again,

Karma Lhabu

ངོ་ཤེས་འགའི་རེ་བསྐུལ་ལྟར་སྤྱི་ཟླ་༤པའི་ཚེས་༡༩་ལ་ཨ་རབ་རྒྱལ་ཁབ་(UAE)ལ་བསླེབས། དགོང་མོར་ཆོས་ཐུན་ཞིག་བཤད་རྒྱུར་བྱས་ཀྱང་གནམ་གྲུ་དུས་ལྟར་འཕུར་མ་ཐུབ་པས་རྗེས་ལུས་ཐེབས་ནས་བཤད་མ་ཐུབ་པར་ལུས།

ཚེས་༢༠ སྔ་དྲོའི་ཆ་ལ། རྡོ་རྗེ་འཆང་གི་སྐུ་དང་། སྐུ་གདུང་ཆ་བརྒྱད་ལ་གཟུངས་གཞུག་ཅིག་ཀྱང་ཕུལ། དེ་ཙམ་ཡང་ཡུལ་ཕྱོགས་འདིེ་ལ་བལྟོས་ཏེ་བཤད་ན་གལ་ཆེན་ཞིག་ཏུའང་འདོད་ཡོད། ཕྱི་དྲོ་ལ་སྔར་དྷུས་བྷེ་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཁང་གི་དབུ་འཛིན་སྐུ་ཞབས་སོགས་ངོ་ཤེས་འགའ་ལ་ངོ་འཕྲད་དུ་ཕྱིན།

ཚེས་༢༡ ཉིན། དྷུས་བྷེ་ལ་རྒྱ་གར་གྱི་མི་རིགས་ཛམ་བྷིས་ཡ་ནས་ཡིན་པའི་ཕྱུག་བདག་ཞིག་གི་ནང་། མི་ཁག་གཅིག་ལ་སྔ་དགོང་གཉིས་ལ་སོ་སོའི་འདོད་མོས་དང་བསྟུན་ནས་ཆོས་ཐུན་གཉིས་བཤད།

དེ་རིང་ཚེས་༢༢ ཉིན་སྔ་དྲོ་ལ་སྐུ་གསུང་ཐུགས་རྟེན་དེ་དག་ལ་རབ་གནས་བྱས་ནས། ཕྱི་དྲོ་ལ་ཨ་ཧྥེ་རི་ཀའི་ཕྱོགས་སུ་འགྲོ་རྒྱུ་ཡིན།

རྗེས་སུ་མཇའ་བའི་སྨོན་ཚིག་དང་བཅས་ཀརྨ་ལྷ་བུ་ནས།

Share this post :