Choje Lama Wangchuk Topden

Choje Lama Wangchuk Topden was conferred the title of Choje Lama (Dharma Lord Lama) by His Holiness Karmapa Ogyen Trinley Dorje. Additionally, the late Kyabje Yongzin Khenchen Thrangu Rinpoche personally appointed him as the head of the Thrangu Monastery Dharma seat in exile. During a one-week retreat here at Thrangu Sekhar Retreat Centre, Choje Lama carefully observed our methods of study, contemplation, and meditation and imparted some words of advice. Choje Lama is a very important lama for Thrangu Monastery. We sincerely and continually pray for your long life and the flourishing of your activities.

༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ཆོས་རྗེ་བླ་མའི་མཚན་གནས་གནང་ཞིང་། ཞི་བ་གཤེགས་པ་༧ སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་དངོས་ཀྱིས་བྱེས་ཀྱི་གདན་ས་ཁྲ་འགུ་དགོན་པའི་དབུ་འཛིན་བསྐོས་པའི་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་མཆོག་འདི་གར་ཁྲ་འགུ་སྲས་མཁར་སྒྲུབ་སྡེ་ཆེན་མོ་རུ་བདུན་མཚམས་ཤིག་བཞུགས་པ་དེའི་རིང་འདི་གའི་སྒྲུབ་སྡེས་ཐོས་བསམ་སྒོམ་གསུམ་བྱེད་ཚུལ་ལ་གཟིགས་ཞིབ་དང་བཀའ་སློབ་གནང་། ཁོང་ནི་ཁྲ་འགུ་དགོན་པ་ལ་མཚོན་ན་ཤིན་ཏུ་གལ་ཆེན་བའི་བླ་མ་ཞིག་ཡིན། ཁྱེད་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཡང་ཡང་ཞུ། །

Share this post :