I Visited the new Palri Ling Nepal Mountain Retreat

Yesterday, I visited the new Palri Ling Nepal Mountain Retreat that Khen Rinpoche Tsultrim Namdak is building. I was heartened to see the good progress that has been made. Khen Rinpoche is not only a Vajra Brother of mine but also a close friend with whom I regularly share my joys and sorrows at the health of the Buddhadharma and the other ups and downs of life.

Keep up your efforts, my dear Dharma friend. You are well aware of the current state of the teachings. Never should either of us forget the concerns we have expressed so regularly in our conversations. Persevere, my dear friend, my dharma brother.

ཁར་ཙང་ཁོ་བོ་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྣམ་དག་མཆོག་གིས་བལ་ཡུལ་དཔལ་རི་གླིང་རི་ཁྲོད་གསར་བཞེང་སར་བཅར། གང་མཚམས་གྲུབ་འདུག་པར་མཐོང་བས་སེམས་པ་དྲོ་ཐིང་ཐིང་ཞིག་བྱུང་། ཁོང་ནི་བདག་གི་རྡོ་རྗེའི་མཆེད་གྲོགས་ཡིན་པར་མ་ཟད། རྒྱུན་ཏུ་བསྟན་པའི་དར་རྒུད་སོགས་སྐྱིད་སྡུག་ལབ་གླེང་མོད་སའི་གྲོགས་པོ་ནང་མ་ཞིག་ཀྱང་ཡིན། མཆེད་གྲོགས་ལགས་ཤུགས་རྒྱོབ། བསྟན་པའི་དར་རྒུད་གང་ཞིག་ལ་སླེབ་ཡོད་པ་མཁྱེན་གསལ་ལྟར། ནམ་རྒྱུན་ང་རང་གཉིས་ཀྱི་གླེང་གཞིར་གྱུར་པའི་སེམས་ཁྲལ་དེ་ང་རང་གཉིས་ནས་དུས་ནམ་དུ་ཡང་རྗེད་ག་ལ་རུང་། གྲོགས་པོ་ལགས། མཆེད་གྲོགས་ལགས། ཤུགས་་་་་་་

Share this post :