The Lama’s Arrival at Drolung Mountain Retreat — 28th March 2026

Kyabje Drubwang Sangye Nyenpa Rinpoche—peerless elucidator of the teachings of the Practice Lineage and sublime lama of threefold kindness—personally visited the site of the new Drolung Mountain Retreat at my invitation. He blessed the land and made aspirations that the precious doctrine of practice may spread and thrive at this site.

Furthermore, Rinpoche bestowed a statue of the Noble Saviouress Tārā and a set of robes, and expressed his hope and wish that in the future, the practice of the classes of tantra in the tradition of Marpa will be done excellently at this location. With prayers for my long life and the fulfilment of the activities I have long wished to see accomplished, he expressed his solidarity.

Lama, your kindness is inexpressible. As I requested in person, I pray that you, our Protector, will return to this place and continuously turn the wheel of dharma for the treatises of the profound classes of tantra, together with their pith instructions.

I also pray that your life may remain firm for a hundred aeons.

Written by your lowly disciple,

Karma Lhabu

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་བླ་ན་མ་མཆིས་པ། བཀའ་དྲིན་སུམ་ལྡན་གྱི་བླ་མ་དམ་པ་༧ སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གདན་ཞུས་ལྟར། གྲོ་ལུང་རི་ཁྲོད་གསར་རྒྱག་གི་ས་གནས་ལ་དངོས་སུ་ཕེབས་ནས་ས་གཞི་བྱིན་རླབས་དང་། གནས་འདིར་སྒྲུབ་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཐུགས་བསྐྱེད་དང་སྨོན་ལམ་བཟང་པོར་གནང་བ་མ་ཟད། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་དང་། ན་བཟའ་བཅས་གནང་སྦྱིན་དང་འབྲེལ། མ་འོངས་པ་ན་ས་ཆ་འདི་ལ་མར་ལུགས་ཀྱི་རྒྱུད་སྡེ་རྣམས་སྒྲུབ་པ་ཉམས་ལེན་ཡག་པོ་འོང་བའི་རེ་བ་དང་སྨོན་ལམ་ཡོད། ཚེ་རིང་བ་དང་ཡིད་ལ་བརྣགས་པའི་བྱ་བ་རྣམས་རེ་འདོད་ལྟར་ལེགས་ལམ་འགྲུབ་པའི་རྟེན་འབྲེལ་དང་སྨོན་ལམ་བཟང་པོས་མཚམས་སྦྱར་ཡོད་གསུངས་སོང་། བླ་མ་ལགས་ཀྱི་བཀའ་དྲིན་ནི་བརྗོད་ལས་འདས། སླད་མར་ཡང་གནས་འདི་རུ་མགོན་པོ་གང་ལ་དངོས་ཞུས་ལྟར་རྒྱུད་སྡེ་ཟབ་མོའི་གཞུང་མན་ངག་དང་བཅས་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་བསྐོར་བར་བསྐུལ་བ་དང་། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བཅས། སློབ་བུ་ཐ་ཤལ་པ་ཀརྨ་ལྷ་བུ་ནས།

Share this post :