Thrangu Shedras First One-Week Retreat Commences

At the joint request of the khenpos and students of Thrangu Vajra Vidya Shedra, we held a one-week retreat at Namo Buddha Thrangu Tashi Yangtse Monastery from July 25th to 31st.

Each day, I gave two Dharma teachings on calm-abiding meditation and Jamgon Kongtrul Lodro Taye’s “Nectar of Heart Advice.” Four practice sessions on guru yoga and calm-abiding meditation were also held each day.

The nunnery’s shedra also participated online in the Dharma teachings. Although I was not keen to teach over the internet, I agreed to do so rather than refuse the earnest request of the kind-hearted Khenpo Chogyal.

For those of us of the practice lineage, engaging in retreat is extremely important. In modern times, those of the practice lineage who wish to engage in practice are exceedingly rare. I request a hundred times that you all please consider practice to be of utmost importance and accordingly maintain a daily meditation session without interruption.

ཁྲ་འགུ་བཛྲ་བིདྱཱ་བཤད་གྲྭའི་མཁན་སློབ་འདུས་སྤྱི་ནས་རེ་བསྐུལ་བཞིན། སྟག་ལུས་ཁྲ་འགུ་ཡང་རྩེ་དགོན་ལ་བཤད་གྲྭའི་མཁན་སློབ་ལྷན། སྤྱི་ལོ་༢༠༢༥ ཟླ་༠༧ ཚེས་༢༥ ནས་༣༡ བར་བདུན་མཚམས་བཞུགས། ཕྲན་ནས་ཉིན་རེ་བཞིན་ཞི་གནས་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་ཞལ་གདམས་སྙིང་གི་བདུད་རྩིའི་སྟེང་ནས་ཆོས་ཐུན་གཉིས་དང་། ཐུན་བཞིར་བཅད་ནས་བླ་མའི་རྣལ་འབྱོར་དང་ཞི་གནས་བསྒོམ། བཙུན་དགོན་གྱི་བཤད་གྲྭས་ཀྱང་དྲྭ་ལམ་ནས་ཆོས་ཁྲིད་མཉམ་ཞུགས་གནང་། མ་གཞི་ཕྲན་ལ་དྲྭ་ལམ་ནས་ཆོས་ཁྲིད་བྱེད་རྒྱུ་དགའ་མོས་མེད་ཀྱང་། ལྷག་བསམ་ཅན་གྱི་མཁན་པོ་ཆོས་རྒྱལ་གྱིས་རེ་བསྐུལ་མ་ཟློག་པར་བཤད་བཞག་པ་ཡིན། རང་རེ་སྒྲུབ་བརྒྱུད་པ་ལ་མཚོན་ན་མཚམས་ལ་བཞུགས་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད། དེང་དུས་སུ་སྒྲུབ་བརྒྱུད་པ་སྒྲུབ་པ་ཉམས་ལེན་བྱེད་འདོད་མཁན་ཤིན་ཏུ་ནས་ཀྱང་དཀོན། ཁྱེད་རྣམས་པས་སྒྲུབ་པ་ཉམས་ལེན་ལ་གལ་ཆེན་དུ་རྩིས་ནས་རྒྱུན་ཏུ་ཐུན་རེ་བཅད་རོགས་ཞེས་གསོལ་བ་ལན་བརྒྱར་འདེབས་པ་ཞུ་ཞུ། ཀརྨ་ལྷ་བུ་ནས།

Share this post :