挪威兩日行

5月26日下午,我抵達挪威。

27日在噶瑪謝竹林講授兩堂佛法課,帶領三座禪修。接下來的5月28日從黎明的一座禪修開始,緊接著又上了一堂佛法課。

下午前往噶瑪札西林,出席了馬爾巴譯師林挪威籍譯者——尼僧噶瑪羅卓曲熙翻譯的蔣貢康楚羅卓泰耶著作《大手印了義炬》和《修心七要引導文》挪威文譯本新書發佈會。

自己認為我必需達成的幾個人生目標之一,就是希望能夠培養譯者,將實修傳承的祖師大德們所撰著的珍貴論典、教訣翻譯成多種語言文字,讓所有人都能夠共享、受益。

譯者阿尼曲熙曾依止我學習藏文藏語、學修佛法,在創古瑟卡閉關中心閉關九年。現在,她在挪威噶瑪謝竹林,如我期許一般如法而行:正在將《全知寶藏》中三戒的部分翻譯成挪威文,並計劃翻譯包括《解脫莊嚴寶》在內的其他論著等。為此,我向她表達謝意和讚揚。過去,她還曾將一些論典翻譯成英文。

我在2015年創立了馬爾巴譯師林,並承蒙怙主堪千創古仁波切賜名。在諸位善知識的恩德,以及弟子們的長期共同努力下,目前,來自世界各地,包括僧尼二眾、在家居士在內的30位成熟譯者和30多位在接受培訓的譯者們正匯集一地、並肩前行。

馬爾巴譯師林以尼泊爾為核心所在地,並在香港、英國兩地設有分支機構,以顧及東西方地區的需求。

ནོར་ཝེ་རུ་ཉིན་གཉིས་ཀྱི་ལས་རིམ།

སྤྱི་ཟླ་༥པའི་ཚེས་༢༦ཕྱི་དྲོ་ལ་ནོར་ཝེ་ལ་འབྱོར། ཚེས་༢༧ཉིན་ཀརྨ་བཤད་སྒྲུབ་གླིང་ལ་ཆོས་ཐུན་གཉིས་དང་སྒོམ་ཐུན་གསུམ་དང་། ཚེས་༢༨ལ་ཐོར་ཐུན་གཅིག་དང་སྔ་དྲོ་ལ་ཆོས་ཐུན་གཅིག་བཤད། ཕྱི་དྲོ་ལ་ཀརྨ་བཀྲ་ཤིས་གླིང་ལ་ཕྱིན།

སྒྲ་སྒྱུར་མར་པ་གླིང་གི་ལོ་ཙཱ་མ་ནོར་ཝེའི་བཙུན་མ་ཀརྨ་བློ་གྲོས་ཆོས་སྐྱིད་ནས། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཕྱག་ཆེན་ངེས་དོན་སྒྲོན་མེ་དང་། བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་གཉིས་པོ། ནོར་ཝེ་སྐད་ཐོག་ཏུ་བསྒྱུར་གནང་མཛད་པའི་དཔེ་དེབ་ཀྱི་མཛད་སྒོ་འཚོགས།

ཁོ་བོ་ལ་མི་ཚེའི་ནང་དུ་ངེས་པར་དུ་སྒྲུབ་དགོས་སྙམ་པའི་རེ་འདུན་ཁ་ཤས་ཡོད་པའི་ནང་ནས། གཅིག་ནི་ལོ་ཙཱ་བ་གསོ་སྐྱོང་བྱས་ནས་སྒྲུབ་བརྒྱུད་གོང་མ་རྣམས་ཀྱིས་མཛད་པའི་གཞུང་དང་ཞལ་གདམས་ངོ་མཚར་ཅན་རྣམས་སྐད་ཡིག་སྣ་མང་ལ་བསྒྱུར་ནས། སྐྱེ་བོ་ཡོད་དོ་ཅོག་དང་མཉམ་དུ་དམ་པའི་ཆོས་ལ་ལོངས་སྤྱོད་ཐུབ་ན་སྙམ་པ་དེ་ཡིན།

ལོ་ཙཱ་མ་ཁོང་ནི་ཁྲ་འགུ་སྲས་མཁར་སྒྲུབ་ཁང་དུ་ཁོ་བོ་ལ་བསྟེན་ནས་བོད་ཀྱི་སྐད་ཡིག་ནས་བཟུང་ནང་ཆོས་བར་ལོ་དགུར་རིང་སློབ་སྦྱོང་དང་ཉམས་ལེན་གནང་། ད་སྐབས་ནོར་ཝེ་ཀརྨ་བཤད་སྒྲུབ་གླིང་ལ་ཁོ་བོའི་རེ་འདོད་བཞིན། ད་ལྟ་ནོར་ཝེའི་སྐད་ཡིག་ཏུ་སྒྱུར་བཞིན་པ་ནི་ཤེས་བྱ་མཛོད་ལས་སྡོམ་གསུམ་གྱི་སྐོར་དང་། མ་འོངས་པར་བསྒྱུར་བར་འགྱུར་བ་ནི་དྭགས་པོའི་ཐར་རྒྱན་བཅས་ཀྱི་ཡིག་སྒྱུར་སོགས་ཆོས་མཐུན་གྱི་བྱ་བ་སྒྲུབ་བཞིན་བཞུགས་མཛད་པ་ལ་ཐུགས་རྗེ་ཆེ་དང་བསྔགས་བརྗོད་ཞུ། སྔར་ཡང་གཞུང་རེ་ཟུང་དབྱིན་སྒྱུར་ཡང་མཛད་ཡོད།

སྒྲ་སྒྱུར་མར་པ་གླིང་ནི་སྤྱི་ལོ་༢༠༡༥ལོ་ལ་ཁོ་བོས་གསར་འཛུགས་བྱས་ཤིང་། ༧སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་མཚན་གནང་ཞིང་དགེ་བའི་བཤེས་གཉེན་དུ་མའི་བཀྲིན་དང་། སློབ་མ་ཐུན་མོང་ནས་འབད་པ་ཡུན་རིང་བྱས་པའི་གྲུབ་འབྲས་སུ། ད་སྐབས་གནས་གཅིག་ཏུ་རྒྱལ་ཁབ་འདྲ་མིའི་གྲྭ་བཙུན་དགེ་བསྙེན་བཅས་ཕུལ་བྱུང་ལོ་ཙཱ་བ་སུམ་ཅུ་ཙམ་དང་། ལོ་ཙཱའི་སློབ་སྦྱོང་གནང་བཞིན་པའི་སློབ་མ་སུམ་ཅུ་ལྷག་ཙམ་ཡོད།

སྒྲ་བསྒྱུར་མར་པ་གླིང་གི་ལྟེ་གནས་ནི་བལ་ཡུལ་དུ་ཡོད། ཡན་ལག་ནི་ཤར་ནུབ་ལ་བསམས་ནས་ཧོང་ཀོང་དང་དབྱིན་ལེན་ལ་ཡིན་ནོ། །

分享本文 :