上師的恩德

九旬高齡的總經教師怙主堪千創古仁波切,耄年猶勤,近一年間在聖地南摩布達的創古札西仰澤寺,持續不斷地為創古寺的祖古、喇嘛、堪布、阿闍梨及僧團給予佛典口傳,內容包括《印度大手印教典》等印藏賢者們的甚深法教,其中還含括了仁波切本人的作品全集。

近日,在仁波切的口傳進行期間,創古瑟卡閉關中心第八輪三年三方閉關的喇嘛們圓滿出關,來到南摩布達向仁波切敬獻曼扎。仁波切慈悲地為他們賜予了普明大日如來的灌頂,及其壇城儀軌與釋論的口傳。

您為了利益法教與眾生而發無上心的恩德如何能夠度量?您是我們頂戴之珍寶,心底的甘露。在當今的時代,若能多一兩位像您一樣的正士賢者,那該有多好!

殊勝的怙主,我由衷地祈願您蓮足永固於不壞金剛界!
喇嘛欽!

拉布 謹白
2022年3月15日

དགུང་གྲངས་དགུ་བཅུར་ཕེབས་པའི་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ནས། གནས་མཆོག་སྟག་མོ་ལུས་སྦྱིན་ཁྲ་འགུ་བཀྲ་ཤིས་ཡང་རྩེ་དགོན་དུ། བླ་སྤྲུལ་མཁན་སློབ་དགེ་འདུན་འདུས་ཚོགས་ཡོངས་ལ། བགྲེས་པོའི་ཁུར་གྱིས་ནོན་ན་ཡང་ལོ་གཅིག་མ་ཟིན་ཙམ་གྱི་རིང་དུ་རྒྱུན་འཁྱོང་གནང་ནས་ཕྱག་ཆེན་རྒྱ་གཞུང་སོགས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ཟབ་ཆོས་སྤྱི་དང་། ལྷག་པར་དུ་༧ རྗེ་ཉིད་ཀྱི་གསུངས་འབུམ་ལྗགས་ལུང་སྩལ་བཞིན་པའི་སྐབས་སུ། ཁྲ་འགུ་སྲས་མཁར་སྒྲུབ་ཁང་ནས་སྒྲུབ་ཐེངས་བརྒྱད་པ་རྣམས་སྐུ་མཚམས་བཅད་རྒྱ་ལས་གྲོལ་བའི་སྒྲུབ་བླ་རྣམས་ཀྱིས་མཎྜལ་འདེབས་འབུལ་ཞུས་ཤིང་། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་བཀའ་དབང་ཟབ་མོ་དང་། དཀྱིལ་ཆོག་དང་། རྣམ་བཤད་སོགས་ཀྱི་ལྗགས་ལུང་གི་བཀའ་དྲིན་སྩལ་བ་སོགས་བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་བླ་ལྷག་ཏུ་བཞེས་པའི་བཀའ་དྲིན་གཞལ་མཐའ་བྲལ། དམ་པ་ཁྱེད་ནི་བདག་ཅག་རྣམས་ཀྱི་སྤྱི་བཙུག་གི་ནོར་བུ་དང་། སྙིང་དབུས་ཀྱི་བདུད་རྩི་ལགས་པས། དེང་སང་གི་དུས་འདིར་ཁྱེད་ལྟར་བུའི་དམ་པ་རེ་ཟུང་ཡོད་ན་ཅི་མ་རུང་། མགོན་པོ་མཆོག་སྐུ་ཚེ་ཞབས་པད་མི་ཤིགས་རྡོ་རྗེའི་ཁམས་སུ་ཡུན་དུ་བརྟན་པའི་སྙིང་དབུས་ནས་གསོལ་འདེབས་དང་སྨོན་ལམ་ཞུ་བཞིན་ཡོད། བླ་མ་མཁྱེན་ནོ། །
༢༠༢༢/༠༣/༡༥ ལྷ་བུ་ནས།

分享本文 :